8. ངའི་བརྟག་དཔྱད་གྲུབ་འབྲས་ལ་ “invalid ཕན་མེད་ ” “inconclusive ཐག་ཆོད་མེད་པ ” ཡང་ན་ “rejected ངོས་ལེན་མི་བྱེད་པ ” ཐོན་སོང་། དེའི་ནང་དོན་ཅི་ཞིག་རེད་དམ།

ཁྱེད་ཀྱི་བརྟག་དཔྱད་གྲུབ་འབྲས་དེ་དག་གང་རུང་ཞིག་ཐོན་ཚེ། ཁྱེད་ཀྱིས་ངེས་པར་དུ་བརྟག་དཔྱད་བསྐྱར་དུ་བྱེད་དགོས། ཁྱེད་ཀྱི་ Badger Badge ཡིས་ཕན་ཡོད་བརྟག་དཔྱད་གྲུབ་འབྲས་མ་ཐོན་བར་དུ་བརྡ་རྟགས་འགྲིག་པོ་མི་སྟོན།

བརྟག་དཔྱད་གྲུབ་འབྲས་ “ཕན་མེད་ ” “ཐག་ཆོད་མེད་པ ” ཡང་ན་ “ངོས་ལེན་མི་བྱེད་པ ” བཅས་ཀྱིས་ཁྱེད་ཀྱི་མཆིལ་མས་ཕན་ཐོགས་བྱུང་མེད་པ་མཚོན། ང་ཚོས་ཁྱེད་ཀྱི་མཆིལ་མའི་མ་དཔེར་བརྟག་དཔྱད་ཡག་པོ་བྱེད་ཐུབ་མེད། ཁྱེད་ཀྱིས་མཆིལ་མ་སྤྲད་པ་མང་དྲགས་པའམ་ཉུང་དྲགས་པ། ཡང་ན་ཁྱེད་ཀྱིས་མཆིལ་མའི་མ་དཔེར་འབག་བཙོག་འགོས་པའམ་ཁ་མདོག་འགྱུར་ཡོད་ཚེ་དེ་ལྟར་འབྱུང་སྲིད།

འབག་བཙོག་(མཆིལ་མའི་མ་དཔེ་ཕན་མེད་ཅན)ཆགས་རྐྱེན་ནི་ཁྱེད་ཀྱིས་བརྟག་དཔྱད་མ་བྱེད་སྔོན་གྱི་ཆུ་ཚོད་གཅིག་གི་རིང་ལ་བཟའ་འཐུང་བྱས་པ། སོ་བར་སྐུད་པས་འཐེན་བརྡར། སོ་བཀྲུ་བ། ཁ་དྲི་འདག་ཆུ་ཡིས་ཁ་གཙང་བཤལ (mouthwash) བྱས་པ། ཐང་ཆུའམ་འགྱིག་བྱི་རིལ་ལྡད་པ། ཐ་མག་འཐེན་པ་བཅས་བྱས་པར་བརྟེན་ནས་བྱུང་བ་ཡིན།

མཆིལ་མའི་མ་དཔེ་ཡག་པོ་ཞིག་སྤྲོད་རྒྱུ། ཁྱེད་ཀྱིས་བརྟག་དཔྱད་མ་བྱེད་སྔོན་གྱི་ཆུ་ཚོད་ ༡ རིང་ལ།

  • ཟ་མ་ཟ་མི་རུང་།
  • བཏུང་བ་འཐུང་མི་རུང་། (ཐ་ན་ཆུ་ཡང་)
  • ཐང་ཆུའམ་འགྱིག་བྱི་རིལ་ལྡད་མི་རུང་།
  • སོ་བཀྲུ་བའམ་ཁ་དྲི་འདག་ཆུ་ཡིས་ཁ་གཙང་བཤལ (mouthwash) བྱེད་མི་རུང་།
  • ཐ་མ་ཁའི་དངོས་རིགས་བེད་སྤྱོད་བྱེད་མི་རུང་། (ཐ་མག་གམ་ལྡད་མུར་རིགས)

ཁྱེད་ཀྱིས་བརྟག་དཔྱད་མ་བྱེད་སྔོན་གྱི་ཆུ་ཚོད་གཅིག་གི་རིང་ཆུ་འཐུང་མི་ཆོག འོན་ཀྱང་ཆུ་འཐུང་དགོས་ཚེ་དེའི་སྔོན་ལ་འཐུང་དགོས། བརྟག་དཔྱད་མ་བྱེད་ཆུ་ཚོད་གཅིག་གི་སྔོན་ལ། ཁྱེད་ཀྱིས་ཆུ་རྐྱང་གིས་ཁ་ནང་དུ་གཙང་བཤལ་ཐེངས་མང་བྱ་རྒྱུ། ཁྱེད་ཀྱི་གཟུགས་པོའི་ཆུ་གཤེར་ཚད་གཞི་ཡག་པོ་ཡོད་ཚེ་མཆིལ་མའི་མ་དཔེ་ཡག་པོ་ཡོང་ཐུབ།

དཔེར་ན།

ཁྱེད་ཀྱི་བརྟག་དཔྱད་ཉིན་རྒྱབ་ཆུ་ཚོད་ ༡ ལ་ཡིན་ཚེ། སྔ་དྲོར་ཆུ་མང་པོ་འཐུང་རྒྱུ་དང་ཁ་བཤལ་བྱ་རྒྱུ (ཉིན་གུང་ཆུ་ཚོད་ ༡༢ སྔོན་ལ) ། ཉིན་གུང་ཆུ་ཚོད་ ༡༢ ནས་ཆུ་འཐུང་མི་རུང་།

ཁྱེད་ཀྱིས་སྣ་ཁུང་སྤྲིན་བལ་ཐུར་མས་ swab བརྟག་དཔྱད་བྱེད་ཚེ། བརྟག་དཔྱད་ས་ཚིགས་ནས་ལམ་སྟོན་བྱས་པ་ལྟར་ཉམས་ལེན་བྱ་རྒྱུ།