15. “འབྲེལ་ཐུག་བརྡ་ཐོ་ exposure notification”ཟེར་བ་ཅི་ཞིག་ཡིན་ནམ། བདེ་འཇགས་ཅན་གྱི་རྦད་ཇེར་བཀོལ་ཆས་ Safer Badgers app ཀྱིས་ “རྗེས་ཤུལ་དང་རྩད་ཞིབ་འཕྲུལ་རྩལ་ track-and-trace technology” བེད་སྤྱོད་ཀྱིས་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ནད་གཞི་སྟངས་འཛིན་ཇི་ལྟར་བྱེད་དམ།

  • བདེ་འཇགས་ཅན་གྱི་རྦད་ཇེར་བཀོལ་ཆས་ཀྱིས་“རྗེས་ཤུལ་དང་རྩད་ཞིབ་འཕྲུལ་རྩལ་ track-and-trace technology” བེད་སྤྱོད་ཀྱིས་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ནད་གཞི་སྟངས་འཛིན་བྱེད།
  • “འབྲེལ་ཐུག་བརྡ་ཐོ་” ཡིས་ཁྱེད་རང་ཏོག་དབྱིབས་གཉན་རིམས་ ༡༩ ཡི་ནད་པའི་འཁྲིས་ལ་སོང་ཡོད་པ་བཤད་ཐུབ།
  • ཁྱེད་ཀྱིས་“འབྲེལ་ཐུག་བརྡ་ཐོ་གཏོང་ཐུབ་པ་བཟོ་བ་” ཞེས་པ་འདེམས་སྒྲུག་བྱེད་ཆོག
    • ཁྱེད་ཀྱི་ཁ་པར་གྱིས་ཐག་ཉེར་ཡོད་པའི་ཁ་པར་གཞན་པ་ཡི་སྔོན་སོ་བསྐུར་གཏོང་མཚོན་བྱེད་ Bluetooth-emitted tokens (བརྡ་རྟགས) གསོག་ཉར་བྱེད།
    • མི་ཞིག་གིས་བཀོལ་ཆས་སྤྱད་ནས་མི་ཚོར་ཏོག་དབྱིབས་གཉན་རིམས་ ༡༩ ནད་ཕོག་ཡོད་པ་ཤེས་རྟོགས་བྱེད་ཚེ། ཁོ་ཚོའི་འདས་པའི་ཉིན་ ༡༤ རིང་གི་མཚོན་བྱེད་ tokens རྣམས་རང་བཞིན་གྱིས་སྲུང་སྐྱོབ་ཡོད་པའི་ཡིག་མཛོད་དུ་ཕབ་འཇོག་བྱེད།
    • ཁྱེད་ཀྱི་ཁ་པར་གྱིས་ཡིག་མཛོད་ནས་མཚོན་བྱེད་འདི་དག་ tokens རང་བཞིན་གྱིས་ཕབ་ལེན་བྱེད་ཅིང་སྔར་ནས་གསོག་ཉར་བྱས་པའི་མཚོན་བྱེད་ tokens རྣམས་དང་གཅིག་མཚུངས་ཡིན་མིན་ཞིབ་བཤེར་བྱེད། (ཁྱེད་རང་ཏོག་དབྱིབས་གཉན་རིམས་༡༩ ནད་པའི་འཁྲིས་ལ་སོང་ཡོད་མེད་ཤེས་པར་བྱེད)
    • ཁྱེད་ཀྱི་ཁ་པར་གྱིས་གཅིག་མཚུངས་མཚོན་བྱེད་ཅིག་རྙེད་ཚེ། ཁྱེད་རང་ནད་པར་འབྲེལ་ཐུག་བྱུང་ཡོད་སྐོར་གྱི་འཕྲིན་ཐུང་ཞིག་ཁྱེད་ལ་
      འབྱོར་ཡོང་ངེས།
    • ཁྱེད་རང་ཁོ་ནས་འབྲེལ་ཐུག་བརྡ་ཐོ་འདི་མཐོང་ཐུབ།
    • འབྲེལ་ཐུག་བརྡ་ཐོ་སྐོར་གྱི་སྤྱིར་བཏང་སྡོམ་རྩིས་དེ་གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྲི་ཞུ་ཁང་(UHS) ལ་སྙན་འབུལ་བྱེད་ཀྱི་ཡོད། ཡིན་ནའང་མི་སྒེར་གནས་ཚུལ་སྙན་འབུལ་བྱེད་ཀྱི་མེད།
    • བཀོལ་ཆས་འདིས་གོ་ལའི་གནས་བབ་མ་ལག་ GPS གམ་ས་བབ་ཆགས་ཡུལ་ geolocation བེད་སྤྱོད་ཀྱིས་ཁྱེད་ཀྱི་སྡོད་གནས་རྩད་ཞིབ་མི་བྱེད།།