གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྲི་ཞུ་ཁང་ University Health Services (UHS) གིས་བདེ་འཇགས་ཅན་གྱི་རྦད་ཇེར་བཀོལ་ཆས་སམ་དྲ་ཚིགས་བརྒྱུད་ནས་ཁྱེད་ལ་བརྟག་དཔྱད་གྲུབ་འབྲས་བསྐུར་ཡོང་གི་ཡོད།
ཚོད་ལྟ་ཁང་དག་གིས་ཏོག་དབྱིབས་གཉན་རིམས་ ༡༩ བརྟག་དཔྱད་གྲུབ་འབྲས་རྣམས་ཝི་སི་ཀོན་སིན་འཕྲོད་བསྟེན་ལས་ཁུངས་ Wisconsin Department of Health Services (DHS) ལ་སྤྲོད་སྟེར་བྱ་རྒྱུ་ཁྲིམས་ཐོག་ནས་དགོས་འདུན་བཏོན་ཡོད།