12. ངས་བདེ་འཇགས་ཅན་གྱི་རྦད་ཇེར་བཀོལ་ཆས་ Safer Badgers app བེད་སྤྱོད་བྱེད་སྐབས་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱིས་ངའི་གནས་ཚུལ་ཡིག་ཆ་དང་གསང་རྒྱ་སྲུང་སྐྱོབ་ཇི་ལྟར་བྱེད་ཀྱི་ཡོད་དམ།

  • ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱིས་གནས་ཚུལ་ཡིག་ཆའི་བདེ་འཇགས་ཆེད་དུ་བཟོ་ལས་ “ལག་ལེན་ཕུལ་བྱུང་ best practices” བེད་སྤྱོད་བྱེད་ཀྱི་ཡོད།
  • ང་ཚོས་གནས་ཚུལ་ཡིག་ཆ་ཡོངས་ལ་སྲུང་སྐྱོབ་བྱེད་བཞིན་ཁྱེད་ཀྱི་མི་སྒེར་གནས་ཚུལ་ཡིག་ཆ་བོར་བརླག་དང་། ལོག་པར་སྤྱོད་པ། ཆོག་མཆན་མེད་པར་བེད་སྤྱོད་དམ་བརྒྱུད་སྤྲོད་བྱེད་པ། འགྱུར་བཅོས་གཏོང་བའི་རིགས་སྔོན་འགོག་བྱེད་ཀྱི་ཡོད།
  • ང་ཚོས་ཁྱེད་ཀྱི་ཆོག་མཆན་མེད་པར་ཁྱེད་ཀྱི་མི་སྒེར་ངོ་རྟགས་གནས་ཚུལ་ personally identifiable information (PII)བརྒྱུད་སྤྲོད་གཏན་ནས་མི་བྱེད།
  • ཁྱེད་ཀྱིས་བདེ་འཇགས་ཅན་གྱི་རྦད་ཇེར་བཀོལ་ཆས་ Safer Badgers app བེད་སྤྱོད་བྱེད་མཚམས་བཞག་པ་དང་ཁྱེད་ཀྱི་མི་སྒེར་གནས་ཚུལ་ཚང་མ་ང་ཚོའི་དྲ་ཁང་ནས་ཕྱིར་འདོན་བྱེད་ངེས།