11. བདེ་འཇགས་ཅན་གྱི་རྦད་ཇེར་བཀོལ་ཆས་ Safer Badgers app ངའི་སྡོད་གནས་རྩད་ཞིབ་བྱེད་དམ།

  • བཀོལ་ཆས་ཀྱིས་གོ་ལའི་གནས་བབ་མ་ལག་ GPS (Global Positioning System) གམ་ས་བབ་ཆགས་ཡུལ་ geolocationབེད་སྤྱོད་ཀྱིས་ཁྱེད་ཀྱི་སྡོད་གནས་རྩད་ཞིབ་མི་བྱེད།
  • ཁྱེད་ཀྱིས་བཀོལ་ཆས་ app སྒྲིག་འཇུག་བྱེད་སྐབས། དགོས་མཁོ་ཡོད་ཚེ་ནུས་ཤུགས་དམའ་བའི་སྔོན་སོ་ཉེ་འབྲེལ་བརྡ་ཐོ་ low energy Bluetooth proximity notification བྱ་རིམ་འདེམས་སྒྲུག་བྱེད་ཆོག
    • བྱ་རིམ་འདིས་སྡོད་གནས་འཚོལ་ཞིབ་བྱེད་ཐབས་བེད་སྤྱོད་ཀྱིས་གལ་ཏེ་ཁྱེད་རང་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་བརྟག་འབྲས་ཐོན་པའི་མི་དང་ཐག་ཉེའི་འབྲེལ་ཐུག་བྱུང་ཚེ་ཁྱེད་ལ་དེ་དོན་བཤད་ཀྱི་ཡོད།
    • ཁྱེད་ཀྱིས་བྱ་རིམ་འདི་དུས་ནམ་ཡིན་ལ་སྒོ་རྒྱག་ཆོག
  • གནས་ཚུལ་ཡིག་ཆ་ཡོངས་སུ་མིང་སྨྲོས་བྱས་མེད།
    • ཁྱེད་ལ་ཏོག་དབྱིབས་གཉན་རིམས་༡༩ ནད་གཞི་ཕོག་ཚེ། ཁྱེད་ཀྱིས་མི་སུ་ལ་ཐག་ཉེའི་འབྲེལ་ཐུག་བརྡ་ཐོ་འབྱོར་གི་ཡོད་པ་མི་ཤེས།
    • གལ་ཏེ་ཁྱེད་ལ་ཐག་ཉེའི་འབྲེལ་ཐུག་བརྡ་ཐོ་འབྱོར་ཚེ། ཏོག་དབྱིབས་གཉན་རིམས་ ༡༩ ནད་ཕོག་མཁན་མི་ངོ་མ་སུ་ཡིན་པའང་མི་ཤེས།