10. གལ་ཏེ་ངས་བརྟག་དཔྱད་དགོས་འདུན་རྣམས་དང་ལེན་བྱེད་མ་ཐུབ་ཚེ་དམིགས་བསལ་མཐུན་རྐྱེན་ཞུ་ལེན་བྱེད་ཆོག་གམ།

གལ་ཏེ་ཁྱེད་ལ་ནད་གཞི་ཡོད་པའམ་དབང་པོ་སྐྱོན་ཅན་ཡིན་པའི་རྐྱེན་གྱིས་སློབ་གྲྭའི་ས་ཁུལ་དུ་བརྟག་དཔྱད་བྱེད་ཁག་པོ་ཡོད་ཚེ། དམིགས་བསལ་མཐུན་རྐྱེན་ཞུ་ལེན་སྙན་ཞུ་འབུལ་ཆོག་ལ། བརྟག་དཔྱད་མི་འདྲ་བ་ཞིག་བྱེད་དགོས་པ་ཆགས་སྲིད།

ཁྱེད་ལ་དབང་པོ་སྐྱོན་ཅན་ནམ་ནད་གཞི་རིགས་མེད་ཚེ་དམིགས་བསལ་མཐུན་རྐྱེན་ཞུ་ལེན་སྙན་ཞུ་འབུལ་ཆོག ཡིན་ནའང་བརྟག་དཔྱད་བྱེད་མི་དགོས་པའི་བཀའ་འཁྲོལ་ཐོབ་རྒྱུར་རེ་བ་མ་རྒྱག

སློབ་ཕྲུག་དམིགས་བསལ་མཐུན་རྐྱེན།

གལ་ཏེ་ཁྱེད་རང་སློབ་ཕྲུག་ཡིན་པ་དང་ནད་གཞི་ཡོད་པའམ་དབང་པོ་སྐྱོན་ཅན་ཡིན་པའི་རྐྱེན་གྱིས་དམིགས་བསལ་མཐུན་རྐྱེན་དགོས་ཚེ། McBurney Disability Resource Center བརྒྱུད་ནས་དམིགས་བསལ་མཐུན་རྐྱེན་ཞུ་ལེན་བྱ་རྒྱུ།

གལ་ཏེ་ཁྱེད་ཀྱིས་ McBurney Disability Resource Center མཉམ་དུ་གྲོས་བསྡུར་བྱས་ཚར་ཡོད་ཚེ། Access Consultant ལ་འབྲེལ་བ་བྱ་རྒྱུ།

གལ་ཏེ་ཁྱེད་རང་མལ་ཌི་སིན་(སློབ་གྲྭའི་ཕྱི་ནང་གང་རུང་) ན་གནས་སྡོད་བྱེད་ཀྱི་ཡོད་ཚེ། ངེས་པར་དུ་དཔྱིད་ཀའི་བརྟག་དཔྱད་ལས་རིམ་ཁོངས་སུ་ཞུགས་དགོས།

ཁྱེད་ལ་དབང་པོ་སྐྱོན་ཅན་ནམ་ནད་གཞི་རིགས་མེད་པར་དམིགས་བསལ་མཐུན་རྐྱེན་ཞུ་ལེན་སྙན་ཞུ་འབུལ་ཚེ། བརྟག་དཔྱད་བྱེད་མི་དགོས་པའི་བཀའ་འཁྲོལ་ཐོབ་རྒྱུར་རེ་བ་མ་རྒྱག

གལ་ཏེ་ཁྱེད་ལ་ནད་གཞི་སྨན་བཅོས་མ་ཡིན་པའི་སེམས་འཚབ་ཡོད་ཚེ། སློབ་ཕྲུག་ལས་དོན་སློབ་གཙོ་ཌིན་ Dean of Students Office  ལ་གློག་འཕྲིན་dean@studentlife.wisc.edu ཐོག་འབྲེལ་བ་བྱ་རྒྱུ། ང་ཚོས་སྙན་ཞུ་ཡོངས་ལ་བསམ་ཞིབ་བྱེད་ནའང་སྤྱི་དམངས་འཕྲོད་བསྟེན་དམིགས་ཡུལ་དང་ལེན་ངེས་པར་བྱེད་དགོས་ལ། གཟའ་འཁོར་རེར་བརྟག་དཔྱད་བྱེད་བདེ་མེད་པའི་རྐྱེན་ཁོ་ནར་བལྟས་ནས་བརྟག་དཔྱད་བྱེད་མི་དགོས་པའི་ཆོག་མཆན་སྤྲོད་མི་ཡོང་།

ལས་བྱེད་དམིགས་བསལ་མཐུན་རྐྱེན།

གལ་ཏེ་ཁྱེད་རང་ལས་བྱེད་ཡིན་པ་དང་ནད་གཞི་ཡོད་པའམ་དབང་པོ་སྐྱོན་ཅན་ཡིན་པའི་རྐྱེན་གྱིས་དམིགས་བསལ་མཐུན་རྐྱེན་དགོས་ཚེ། དོ་བདག་གི་སྡེ་ཁག་དབང་པོ་སྐྱོན་ཅན་ལས་དོན་ངོ་ཚབ་ Divisional Disability Representative (DDR) ལ་འབྲེལ་བ་བྱ་རྒྱུ།

ཁྱེད་ལ་དབང་པོ་སྐྱོན་ཅན་ནམ་ནད་གཞི་རིགས་མེད་པར་དམིགས་བསལ་མཐུན་རྐྱེན་ཞུ་ལེན་སྙན་ཞུ་འབུལ་ཚེ། བརྟག་དཔྱད་བྱེད་མི་དགོས་པའི་བཀའ་འཁྲོལ་ཐོབ་རྒྱུར་རེ་བ་མ་རྒྱག

གལ་ཏེ་ཁྱེད་ལ་ནད་གཞི་སྨན་བཅོས་མ་ཡིན་པའི་སེམས་འཚབ་ཡོད་ཚེ། དོ་བདག་གི་སྡེ་ཁག་ལས་བྱེད་བདག་གཉེར་ཡིག་ཚང་ངོ་ཚབ་ལ་འབྲེལ་བ་བྱ་རྒྱུ། ང་ཚོས་སྙན་ཞུ་ཡོངས་ལ་བསམ་ཞིབ་བྱེད་ནའང་སྤྱི་དམངས་འཕྲོད་བསྟེན་དམིགས་ཡུལ་དང་ལེན་ངེས་པར་བྱེད་དགོས