ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱིས་ལས་བྱེད་ཁག་ཅིག་ལ་ཏོག་དབྱིབས་གཉན་རིམས་ ༡༩ འགོག་ཁབ་རྒྱག་རྒྱུ་སྟབས་བདེ་རུ་བཟོ་རྒྱུ།

PDF

དེ་རིང་ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱིས་ཏོག་དབྱིབས་གཉན་རིམས་ ༡༩ ཡི་འགོག་ཁབ་རྒྱག་རྒྱུའི་དུས་ཚོད་བཟོ་སྟངས་གསར་པར་ འགྲེལ་བཤད་བྱས་པའི་གསར་འགྱུར་ཞིག་སྤེལ་ཡོད། གསར་འགྱུར་དེ་དྲ་ཚིགས་ https://news.wisc.edu/new-process-to-check-on-covid-19-vaccine-eligibility-and-schedule-appointments-at-uhs/ ནས་གཟིགས་ཐུབ།

དུས་ཚོད་བཟོ་སྟངས་གསར་པ་འདི་ནི་ཁྱེད་ཀྱིས་གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྲི་ཞུ་ཁང་ UHS བརྒྱུད་ནས་དྲ་ཚིགས་ཤིག་གི་ཁ་ཕྱེས་ཏེ་ཐོ་འགོད་བྱེད་དགོས་ཀྱི་ཡོད། དྲ་ཚིགས་འདིར་ MyUHS ཟེར་ཞིང་། དེ་ཡིས་དུས་ཚོད་མ་བཟོས་གོང་ཁྱེད་ལ་དྲི་བ་ཁ་ཤས་འདྲི་ངེས། དྲ་ཚིགས་འདིའི་དྲ་ཐག་འདིར་go.wisc.edu/myuhscovidvax  ཡོད།

ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་ལས་བྱེད་ཡོངས་ནས་ MyUHS དྲ་ངོས་སྤྱད་ནས་ཏོག་དབྱིབས་གཉན་རིམས་ ༡༩ ཡིག་འགོག་ཁབ་རྒྱག་པར་དུས་ཚོད་བཟོ་ཐུབ། ཡིན་ནའང་དྲ་ཚིགས་འདི་བེད་སྤྱོད་བྱེད་ཁག་པོ་ཡོད་མཁན་དང་དབྱིན་ཇི་སྐད་ཡིག་རང་གི་མ་སྐད་མ་ཡིན་པའི་ལས་བྱེད་ཚོར་འགོག་ཁབ་རྒྱག་རྒྱུར་སྟབས་བདེའི་ཐབས་ལམ་ཞིག་གང་མགྱོགས་མཁོ་འབུལ་བྱེད་ངེས། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)ལ་གཟའ་འཁོར་རྗེས་མར་གནས་ཚུལ་སྔར་ལས་མང་བ་སྤེལ་རྒྱུ་ཡོད།

འདིའི་ཁོངས་སུ་ལས་དུས་གཉིས་པ་དང་གསུམ་པའི་ལས་བྱེད་ཚོའི་ཆེད་དུ་ཏོག་དབྱིབས་གཉན་རིམས་ ༡༩ ཡི་དམིགས་བསལ་སྨན་ཁང་གོ་སྒྲིག་བྱེད་ཀྱི་ཡིན་ལ། འདི་ནི་ཁྱེད་ལ་སློབ་གྲྭའི་ཆམ་རིམས་འགོག་ཁབ་རྒྱག་སའི་ས་ཆ་དང་གཅིག་མཚུངས་ཡིན། སྐད་ཡིག་ཞབས་ཞུའི་རོགས་རམ་གོ་སྒྲིག་ཞུ་འཆར་ཡོད།

གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྲི་ཞུ་ཁང་ UHS གིས་ཀྱང་ལས་བྱེད་ཚོར་ Nicholas Recreation Center ལུས་རྩལ་རྩེད་ཁང་དུ་ལས་དུས་དང་པོའི་སྐབས་སུ་ཏོག་དབྱིབས་གཉན་རིམས་ ༡༩ འགོག་ཁབ་རྒྱག་རྒྱུ་སྟབས་བདེ་རུ་བཟོ་གི་ཡིན། དབྱིན་ཇི་སྐད་ཡིག་སྦྱང་མཁན་དང་དྲ་ཚིགས་ཁ་འབྱེད་རྒྱུར་དཀའ་ངལ་ཡོད་མཁན་ལས་བྱེད་ཚོར་ལས་དུས་དང་པོའི་སྐབས་འགོག་ཁབ་རྒྱག་རྒྱུ་རང་མོས་གདམ་ག་ཡོད། སྔོན་འགོག་སྨན་ཁབ་རྒྱག་རྒྱུར་འོས་ཆོས་ཆ་རྐྱེན་ཚང་མཁན་ལས་བྱེད་དང་སློབ་ཕྲུག་ཁོ་ནས་གདམ་ག་འདི་ལེན་ཆོག

གནས་ཚུལ་ཞིབ་ཕྲའི་ཆེད་དུ་རྗེས་སོར་ཐུགས་སྣང་གནང་རོགས། སྔོན་འགོག་སྨན་ཁབ་རྒྱག་རྒྱུར་འོས་ཆོས་ཆ་རྐྱེན་ཚང་མཁན་ལས་བྱེད་དང་སློབ་ཕྲུག་ཚོས་སྨན་བཅོས་ལྟ་སྐྱོང་བྱེད་མི་ health care provider འམ་གསོལ་སྨན་ཚོང་ཁང་ pharmacy ནས་འགོག་ཁབ་རྒྱག་རྒྱུར་ཐབས་ཤེས་བྱེད་ཆོག

ཁྱེད་ཀྱིས་རང་ལ་སློབ་གྲྭའི་ཕྱི་ནས་སྔོན་འགོག་སྨན་ཁབ་བརྒྱབ་པའི་གནས་ཚུལ་སྐོར་གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྲི་ཞུ་ཁང་ UHS ལ་སྤྲོད་འདོད་ཡོད་ཚེ། གནས་ཚུལ་སྤྲོད་ཕྱོགས་ལམ་སྟོན་ཆེད་དུ་དྲ་ཚིགས་ https://covidresponse.wisc.edu/faq/i-was-vaccinated-off-campus-how-do-i-let-uhs-know/ ལ་གཟིགས་རོགས། ཏོག་དབྱིབས་གཉན་རིམས་ ༡༩ ཁ་པར་རོགས་རམ་ COVID-19 Assistance Line 608-262-7777 ལ་ཁ་པར་གཏོང་རྒྱུ། ཡང་ན་ཁྱེད་ལ་སྐད་ཡིག་རོགས་རམ་དགོས་ཚེ་རིག་གཞུང་སྐད་ཡིག་ཞབས་ཞུ་ཁང་ Cultural Linguistic Services ལ་གཤམ་གསལ་ལྟར་ཁ་པར་གཏོང་རོགས་གནང་།

ESPAÑOL / SPANISH:        (608) 265-0838

HMOOB / HMONG:            (608) 263-2217

བོད་ཡིག / TIBETAN:                 (608) 890-2545

中文 / CHINESE:                  (608) 890-2628

नेपाली / NEPALI:                    (608) 262-7521