ཏོག་དབྱིབས་གཉན་རིམས་ ༡༩ ཡི་སྔོན་འགོག་སྨན་ཁབ་བརྒྱབ་རྗེས་ཅི་ཞིག་འབྱུང་ངམ།

PDF

ཏོག་དབྱིབས་གཉན་རིམས་ ༡༩ སྨན་ཁབ་ཀྱིས་ཁྱེད་ལ་ཏོག་དབྱིབས་གཉན་རིམས་ ༡༩ ནད་གཞི་འགོ་ཕོག་མི་ཡོང་བར་སྲུང་སྐྱོབ་བྱེད་ཐུབ། ཁྱེད་ལ་ཏོག་དབྱིབས་གཉན་རིམས་  ༡༩ ཡི་སྔོན་འགོག་སྨན་ཁབ་རིགས་གང་ཞིག་རྒྱག་གི་ཡོད་པར་བལྟས་ཏེ། ནད་གཞི་མི་འགོ་བར་སྲུང་སྐྱོབ་ཆ་ཚང་བྱེད་ཐུབ་པ་བྱ་རྒྱུར་ཁབ་ཐུན་གཉིས་རྒྱག་དགོས་པ་ཆགས་སྲིད། སྲུང་སྐྱོབ་ཆ་ཚང་བྱེད་པའི་ནུས་པ་ཐོན་རྒྱུར་ཁབ་ཐུན་གཉིས་པ་བརྒྱབ་པ་ནས་བརྩིས་ཏེ་བདུན་ཕྲག་གཉིས་འགོར་སྲིད། ཁྱེད་ལ་ཟུར་ཕོག་མངོན་རྟགས་འགའ་རེ་ཐོན་སྲིད། ཁྱེད་ཀྱི་ གཟུགས་པོས་སྲུང་སྐྱོབ་མ་ལག་བཟོ་འདོན་བྱེད་ཀྱི་ཡོད་པས་ཟུར་ཕོག་མངོན་རྟགས་ཐོན་རྒྱུ་རྒྱུན་ལྡན་ཞིག་ཡིན། ཡིན་ནའང་ཉིན་ཤས་རྗེས་ནས་དེ་དག་མེད་པར་འགྱུར་བ་ཡིན།

སྨན་ཁབ་ #1 བརྒྱབ་རྗེས།

  • MyUHS དྲ་ཚིགས་ myuhs.uhs.wisc.edu ཁ་ཕྱེས་ནས་སྨན་ཁབ་གཉིས་པ་རྒྱག་རྒྱུར་དུས་ཚོད་བཟོ་རྒྱུ། དུས་ཚོད་བཟོ་བ་ “Appointments” ཞེས་པ་འདེམ་རྒྱུ་དང་དེ་ནས་ཁབ་ཐུན་ ༢ “Dose 2”ཞེས་པ་འདེམ་རྒྱུ།
  • ཁྱེད་ཀྱི་དཔུང་པར་ན་ཟུག་གཏོང་སྲིད། (མི་མང་ཆེ་བར་ན་ཟུག་གཏོང་གི་འདུག)
  • V-Safe ཟེར་བའི་ནུས་ལྡན་ལག་ཐོགས་ཁ་པར་བཀོལ་ཆས་ལས་རིམ་ནང་དུ་མིང་འགོད་འཛུལ་ཞུགས་བྱ་རྒྱུ། དེ་ཡིས་ཁྱེད་ལ་ཏོག་དབྱིབས་གཉན་རིམས་ ༡༩ སྨན་ཁབ་ཀྱི་ཟུར་ཕོག་ག་རེ་ཡོད་པའི་སྐོར་འདྲི་ཞིབ་བྱེད་པ་དང་། ཉིན་རེར་དྲན་གསོའི་འཕྲིན་ཐུང་རེ་བསྐུར་གཏོང་དང་མིང་འགོད་འཛུལ་ཞུགས་བྱེད་པར་ཆུ་ཚོད་སྐར་ མ་གཅིག་མ་གཏོགས་མི་དགོས། དྲ་ཚིགས་ vsafe.cdc.gov འདི་ནས་ཕབ་ལེན་བྱེད་དགོས།ཁྱེད་ཀྱི་མི་སྒེར་གནས་ཚུལ་ཕྱི་གྱར་མི་བྱེད་པར་གསང་རྒྱ་ བྱེད་ཀྱི་ཡོད།

སྨན་ཁབ་ #2 བརྒྱབ་རྗེས།

  • V-Safe ཁ་པར་བཀོལ་ཆས་ནང་དུ་མུ་མཐུད་མཉམ་ཞུགས་བྱ་རྒྱུ།
  • ངལ་གསོ་རྒྱག་རྒྱུ། མི་རེ་འགས་སྨན་ཁབ་གཉིས་པ་བརྒྱབ་རྗེས་མགོ་གཟེར་བའམ་ཡང་ན་ཚ་བ་འཕར་བའི་ནད་རྟགས་ཐོན་གི་ཡོད་ཚུལ་བཤད།
  • གལ་ཏེ་ཁྱེད་ཀྱི་སྔོན་འགོག་སྨན་ཁབ་ཤོག་ལེབ་ཀཪ་ཌི་འཇོག་ནོར་བྱུང་ཚེ། ཝི་སི་ཀོན་སིན་རིམས་འགོག་དེབ་སྐྱེལ་ལས་ཁུངས་ Wisconsin Immunization Registry (WIR)ཀྱི་ dhfswir.org དྲ་བའི་ཁ་ཕྱེས་ཏེ་ཁྱེད་ལ་ཏོག་དབྱིབས་གཉན་རིམས་ ༡༩ སྨན་ཁབ་བརྒྱབ་ཚར་ཡོད་པ་ཐོ་འགོད་བྱས་ཡོད་ མེད་བལྟ་རྒྱུ།

ཁབ་ཐུན་གཉིས་ཀ་བརྒྱབ་ཚར་རྗེས།

གདོང་ཁེབས་གྱོན་པ་དང་། ལག་པ་བཀྲུ་བ། ལུས་པོ་རྒྱང་བཀྱེད་བྱེད་པ། རྒྱུན་དུ་བརྟག་དཔྱད་བྱེད་པ་བཅས་མུ་མཐུད་དུ་གནང་རྒྱུ། ང་ཚོས་ཕྱུགས་ཁྱུ་འགོ་ནད་སྔོན་འགོག་ ‘herd  immunity’ ནུས་པ་ཐོན་པ་བྱ་རྒྱུའི་སྔོན་ལ་ང་ཚོའི་ཚོགས་སྡེའི་མི་གྲངས་ ༡༠ ནས་ ༧ ཙམ་ལ་ཏོག་དབྱིབས་གཉན་རིམས་ ༡༩ སྨན་ཁབ་རྒྱག་ཐུབ་པ་བྱེད་དགོས་ཀྱི་འདུག  དེ་ཡང་དཔེར་ན་བྱིས་པ་དམར་འབྱར་ལྟ་བུའི་སྨན་ཁབ་རྒྱག་མི་ཐུབ་པའི་མི་རྣམས་ཀྱང་ནད་གཞི་འདི་ནས་སྲུང་སྐྱོབ་བྱེད་ཐུབ། འདི་ལྟར་ཡོང་རྒྱུར་ད་དུང་ཟླ་བ་ཁ་ཤས་འགོར་སྲིད།

སྨན་ཁབ་དང་པོ་དང་གཉིས་པ་གང་རུང་ངམ་ཡང་ན་གཉིས་ཀ་བརྒྱབ་རྗེས་ཁྱེད་ལ་ཟུར་ཕོག་མངོན་རྟགས་གཅིག་གམ་དེ་ལས་མང་བ་ཡོང་སྲིད། ཁྱེད་ལ་ Pfizer-BioNTech དང་ Moderna སྔོན་འགོག་སྨན་ཁབ་གང་ཞིག་བརྒྱབ་རུང་། སྲུང་སྐྱོབ་ནུས་པ་ཆ་ཚང་ཡོད་པ་བྱེད་པར་སྨན་ཁབ་གཉིས་ཀ་རྒྱག་དགོས་ཀྱི་ཡོད། སྨན་ཁབ་དང་པོ་བརྒྱབ་རྗེས་ ཟུར་ཕོག་མངོན་རྟགས་ཐོན་ཡང་སྨན་བཅོས་ལྟ་སྐྱོང་བྱེད་མི་ (health care provider) ཞིག་གིས་སྨན་ཁབ་གཉིས་པ་མ་རྒྱག་ཅེས་བཤད་ཡོད་ན་མ་གཏོགས་སྨན་ཁབ་ གཉིས་པ་རྒྱག་རོགས་གནང་།

ཐོན་སྲིད་པའི་ཟུར་ཕོག་མངོན་རྟགས།

  • དཔུང་པའི་ཁབ་རྒྱག་ཡུལ་དུ་ན་ཟུག་གཏོང་བའམ་ཡང་ན་སྦོ་སྐྲང་བྱེད་པ།
  • ཚ་བ་འཕར་བ།
  • གྲང་ཤུམ་རྒྱག་པ།
  • ལུས་ཐང་ཆད་པ།
  • མགོ་གཟེར་བ།

ན་ཟུག་གམ་བདེ་བོ་མེད་པའི་ཚོར་སྣང་ཉུང་དུ་གཏོང་བ།

  • ན་ཟུག་དང་ཚ་བ་འཇགས་ཆེད་ ibuprofen ནམ་ acetaminophen ལྟ་བུའི་སྨན་འཐུང་རྒྱུ།
  • ཁ་ཕེན་ caffeine དང་ཆང་རག་མ་འདྲེས་པའི་ཆུ་འམ་བཏུང་བ་གཞན་པ་འདང་ངེས་འཐུང་རྒྱུ།
  • དཔུང་པའི་ཐོག་ལ་གཙང་ཞིང་གྲང་ལ་འཁྲུ་རས་རློན་པ་ཞིག་གིས་གླན་རྒྱུ།

སྨན་བཅོས་ལྟ་སྐྱོང་བྱེད་མི་ག་དུས་སྐད་གཏོང་དགོས་སམ།

སྤྱིར་ཚ་བའམ་ན་ཟུག་གི་རྐྱེན་གྱིས་ལུས་མི་བདེ་བ་ཡོང་བ་རྒྱུན་ལྡན་ཡིན། གཤམ་གསལ་རྣམས་བྱུང་ཚེ་སྨན་བཅོས་ལྟ་སྐྱོང་བྱེད་མིར་ (health care provider) འབྲེལ་བ་བྱ་རྒྱུ།

  • ཆུ་ཚོད་ ༢༤ རྗེས་སུ་ཁྱེད་ཀྱི་སྨན་ཁབ་རྒྱག་ཡུལ་གྱི་ཤ་མདོག་དམར་པོའམ་ནོན་གཟེར་ཇེ་ཆེར་འགྲོ་བ།
  • ཁྱེད་རང་སེམས་ཁྲལ་ཡོད་པའི་ཟུར་ཕོག་མངོན་རྟགས་རྣམས་ཉིན་ཤས་རྗེས་ནས་ད་དུང་ཡལ་མི་འགྲོ་བ།།