་ ༢ དང་ ༣ པའི་ལས་བྱེད་ཚོར་ཕྱི་ཟླ་ ༥ པའི་སྔོན་འགོག་སྨན་ཁབ་སྐོར་དྲན་སྐུལ།

PDF

༄༅།། བརྩེ་བའི་ལས་བྱེད་ལྷན་རྒྱས་ཀྱི་དྲུང་དུ།

སྔོན་འགོག་སྨན་ཁབ་བརྒྱབ་ཚར་མཁན་རྣམ་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སྔོན་འགོག་སྨན་ཁབ་ནི་ང་ཚོ་རང་ཉིད་དང་ང་ཚོའི་ཚོགས་སྡེ་གཉིས་ཀ་ཏོག་དབྱིབས་ གཉན་རིམས་ ༡༩ འགོས་ཁྱབ་ནས་སྲུང་སྐྱོབ་བྱེད་ཐབས་དང་། བརྟག་དཔྱད་བྱེད་ཐེངས་ཇེ་ཉུང་དུ་གཏོང་ཐབས། ནད་གཞི་བཀག་སྡོམ་བྱེད་ཐབས། ནད་ཡམས་   མ་ཁྱབ་སྔོན་གྱི་སློབ་གྲྭའི་ཁོར་ཡུག་ལོངས་སུ་སྤྱོད་པའི་ཐབས་ལམ་ཡག་ཤོས་དེ་ཡིན།

གལ་ཏེ་ཁྱེད་ལ་ད་དུང་སྔོན་འགོག་སྨན་ཁབ་བརྒྱབ་མེད་ཚེ། གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྨན་ཁང་ University Health Services གིས་ཁྱེད་ལ་ འགོག་ཁབ་རྒྱག་རྒྱུ་སྟབས་བདེ་དང་ལས་སླ་བོ་བཟོ་གི་ཡོད། ད་སྐབས་ཁྱེད་ལ་སློབ་གྲྭའི་ས་ཁུལ་དུ་སྔོན་འགོག་སྨན་ཁབ་ཕེ་རྫེར་ Pfizer དང་མོ་ཌེར་ཎ་ Moderna ། ཇོན་སོན་དང་ཇོན་སོན་ Johnson & Johnson vaccines བཅས་རིགས་གསུམ་རྒྱག་རྒྱུ་ཡོད། འགོག་ཁབ་རྒྱག་རྒྱུར་དུས་ཚོད་བཟོ་ མི་དགོས་ལ། ཁྱེད་རང་རེས་གཟའ་ཟླ་བ་ནས་པ་སངས་ལ་སྔ་དྲོ་ཆུ་ཚོད་ ༨།༣༠ ནས་ཕྱི་དྲོ་ཆུ་ཚོད་ ༤།༣༠ ལ་ཎི་ཁོ་ལ་སི་ལུས་རྩེད་ཁང་ Nicholas Recreation Center དུ་འགྲོ་ཆོག་པ་དང་། དེར་ཡོད་པའི་རླངས་འཁོར་བཀག་འཇོག་བྱེད་ས་ Lot 46 དུ་རླངས་འཁོར་བཀགག་འཇོག་བྱེད་ཆོག ཁྱེད་ ཀྱིས་ད་དུང་སྔོན་འགོག་སྨན་ཁབ་རྒྱག་ཡུལ་དུ་སྐད་སྒྱུར་པ་དགོས་ལུགས་རེ་འདུན་ཞུ་ཆོག

སློབ་གྲྭའི་ས་ཁུལ་དུ་ལས་དུས་མིན་པའི་སྐབས་སུ་སྔོན་འགོག་སྨན་ཁབ་རྒྱག་པར་ལས་ཀའི་ཆུ་ཚོད་བེད་སྤྱོད་ཆོག་པ་བྱ་རྒྱུར་ཁྱེད་ཀྱི་ལྟ་རྟོག་པར་སྐད་ཆ་བཤད་ རོགས་གནང་།

གལ་ཏེ་ཁྱེད་ལ་སློབ་གྲྭའི་ཕྱི་ནས་སྔོན་འགོག་སྨན་ཁབ་བརྒྱབ་ཡོད་ཚེ། དྲ་ཚིགས་go.wisc.edu/uploadvaccine འདིའི་ལམ་སྟོན་བརྒྱུད་ནས་གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྨན་ཁང་ UHS ལ་ཁྱེད་ཀྱི་འགོག་ཁབ་ཐོ་ཡིག་འབུལ་སྤྲོད་བྱེད་རོགས་གནང་།

གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྨན་ཁང་ UHS གིས་ལོ་ན་ ༡༦ ཡང་ན་ ༡༧ ལོན་པའི་ཁྱེད་ཀྱི་ནང་མི་དང་། ཕྱི་ཟླ་ ༥ ཚེས་ ༡༧ རེས་གཟའ་ཟླ་བ་ནས་མགོ་བརྩམས་ཏེ་ལོ་ན་ ༡༢ ཡན་ལོན་པ་རྣམས་ལ་སྔོན་འགོག་སྨན་ཁབ་རྒྱག་འཆར་ཡོད། འོན་ཀྱང་ལོ་ན་ ༡༢ ནས་ ༡༧ བར་གྱི་མི་རྣམས་ལ་རྒྱག་ཆོག་པའི་འགོག་ཁབ་ཕེ་རྫེར་ Pfizer མ་གཏོགས་མེད་པས་དུས་ཚོད་བཟོ་རྒྱུ་ནི་ཐབས་ལམ་ཡག་ཤོས་དེ་ཡིན་པས། དྲ་ཚིགས་ covidresponse.wisc.edu/covid-19-vaccine-information/ #community-vaccination ལ་གཟིགས་རྒྱུ། ཝི་སི་ཀོན་སིན་གཙུག་ལག་སློབ་ཆེན་(མལ་ཌི་སིན་)གྱི་སློབ་ཕྲུག་གམ་ལས་བྱེད་མིན་ཚེ། ལོ་ན་ ༡༨ མན་གྱི་མི་ལ་འགོག་ཁབ་རྒྱག་སྐབས་མི་རྒན་པ་ཞིག་ངེས་པར་དུ་མཉམ་དུ་ཡོད་དགོས།

ཁྱེད་ལ་སྔོན་འགོག་སྨན་ཁབ་བམ་འགོག་ཁབ་ཐོ་ཡིག་ཕབ་འཇུག་བྱེད་སྟངས་ཐད་དྲི་བ་ཡོད་ཚེ། གཙུག་ལག་སློབ་ཆེན་འཕྲོད་བསྟེན་སྨན་ཁང་ UHS སྨན་ཞབས་ ཁ་པར་(དབྱིན་ཇི་སྐད) 608-265-5600 ལ་ཁ་པར་གཏོང་ཆོག ཡང་ན་ཁྱེད་ལ་སྐད་ཡིག་རོགས་རམ་དགོས་ཚེ། གཤམ་གསལ་ལྟར་རིག་གཞུང་སྐད་ཡིག་ ཞབས་ཞུ་ཁང་ (Cultural Linguistic Services) ལ་ཁ་པར་གཏོང་རྒྱུ།།

ESPAÑOL / SPANISH:          (608) 265-0838

HMOOB / HMONG:              (608) 263-2217

བོད་ཡིག / TIBETAN:                     (608) 890-2545

中文 / CHINESE:                   (608) 890-2628

नेपाली / NEPALI:                     (608) 262-7521